ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝྭི་ཡ་གཉིས་ལ་གཟའ་འཁོར་གཅིག་རིང་དུ་ཆིབས་སྒྱུར་བསྐྱངས་ནས་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། ཕྱི་ཟླ་༦་པའི་ཚེས་༢༠་ཉིན་མགོན་པོ་གང་ཉིད་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། གྷ་གྷལ་གནམ་ཐང་དུ་རྒྱ་གར་གྱི་གསར་འགོད་པ་ཚོས་༧གོང་ས་མཆོག་ལ་སྐུའི་འཕྲོད་བཞེས་སྐོར་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་གང་ཉིད་སྐུ་ངལ་ཕྲན་བུ་བྱུང་ཡང་སྐུ་གཟུགས་རྒྱུན་ལྡན་ལྟར་བདེ་ཐང་ཡིན་ཞེས་བཀའ་ལན་གནང་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG