ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིམ་ཇུང་ཨུན་ལ་གསང་བའི་ཐུག་འཕྲད།


ཉེ་ཆར་ཨ་རིའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་གསང་བའི་ཐོག་ཏུ་བྱང་ཀོ་རི་ཡར་ཕེབས་ནས་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ལྐོག་ཏུ་ཐད་ཀར་ཐུག་འཕྲད་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་བྱ་འཆར་ཡོད་པར་སྔོན་འགྲོ་གྲ་སྒྲིག་གི་གྲོས་མོལ་བྱས་པ་རེད་ཅེས་ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བཞིན་པ་མ་ཟད། སྲིད་འཛིན ཌོ་ནལ་ཊོམ་གྱིས་ཨ་རིའི་གསང་བའི་ལས་ཁང་གི་འགན་འཛིན་བྱང་ཀོ་རི་ཡར་ཕེབས་ནས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་པ་རེད་ཅེས་ངེས་གཏན་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG