༄༅།། ཨ་རིའི་སྲིད་འཛིན་༤༡་པ་འཇོར་ཇི་ཧར་བྷར་ཊི་བྷུ་ཤིའི་སྐུ་ཟླ་དང་། སྲིད་འཛིན་ཟུར་པ་འཇོར་ཇི་ཝོལ་ཁར་བྷུ་ཤིའི་ཡུམ་བྷར་བྷ་ར་བྷུ་ཤི་དགུང་གྲངས་༩༢་ཐོག་ཏུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙོས་ཨ་རིའི་སྲིད་འཛིན་ཟུར་པ་ཁག་གིས་ཐུགས་གསོའི་གསུང་འཕྲིན་གནང་གི་ཡོད་ཅིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་འཛིན་ཟུར་པ་བྷུ་ཤི་ཡབ་སྲས་རྣམས་ལ་སྐུ་སྒེར་གྱི་འབྲེལ་བ་བཟང་པོ་ཡོད་པའི་སྐོར། ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།