ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧའེ་ནན་མཚོ་གླིང་ལ་ཐོངས་མཆན་མི་དགོས་པར་འགྲོ་སྐྱོད་ཆོག་རྒྱུ།


རྒྱ་ནག་གཞུང་གིས་རྒྱལ་ཁབ་༥༩་ལ་རྒྱ་ནག་གི་ལྷོ་ཕྱོགས་སུ་ཆགས་པའི་ཧའེ་ནན་མཚོ་གླིང་ལ་ཐོངས་མཆན་ཞུ་མི་དགོས་པར་ཡོང་ཆོག་པ་དང་ཉིན་གྲངས་སུམ་བཅུའི་རིང་སྡོད་ཆོག་པའི་ཐག་གཅོད་ཞིག་གཟའ་ལྷག་པའི་ཉིན་གསལ་བསྒྲགས་ཤིག་སྤེལ་འདུག ཕྱི་ཟླ་༥་པའི་ཚེས་༡་ནས་ཡུལ་སྐོར་ལས་ཁུངས་ཁག་ལ་ཐོ་འགོད་བྱེད་པའི་ཆ་རྐྱེན་འོག་ཏུ་ཧའེ་ནན་མཚོ་གླིང་ལ་ཐོངས་མཆན་མེད་པར་འགྲོ་སྐྱོད་ཆོག་པའི་ཐག་གཅོད་དེ་ནི་རྒྱ་ནག་གཞུང་གིས་རང་གི་མངའ་ཁོངས་ཀྱི་ས་ཁུལ་ཞིག་ལ་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཐོངས་མཆན་མི་དགོས་པར་ཡོང་ཆོག་པར་བཟོས་པའི་ས་ཁུལ་ཨང་དང་པོ་ཡིན་ཞིང་། ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་༥༩་ཡོད་པ་དེ་དག་གི་གྲས་སུ་ཨ་མི་རི་ཀ་ཡང་ཚུད་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ལགསས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG