ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིམ་ཇུང་ཨུན་དང་ཞིས་ཅིན་ཕིང་ཐུག་འཕྲད།


གཟའ་འཁོར་འདིར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་རྒྱ་ནག་ལ་གསང་བའི་འཚམས་འདྲི་ཞིག་ལ་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་ཤིང་། ཐེངས་འདིའི་འཚམས་འདྲི་ནི་༢༠༡༡་ལོར་ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་སྲིད་དབང་བཟུང་བའི་རྗེས་སུ་ཕྱིའི་རྒྱལ་ཁབ་ཅིག་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་མ་ཟད། རྒྱ་ནག་གི་ཞིས་ཅིན་ཕིང་གིས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཡིན། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་ལམ་ལྷོངས་ལྡན་པའི་སྒོ་ནས་འཚོགས་ཐུབ་པའི་སྨོན་འདུན་ཞུས་པ་དང་། ཉེ་ཆར་ཞིས་ཅིན་ཕིང་གི་སྲིད་འཛིན་གྱི་ལས་དུས་ལ་ཚད་འཛིན་མེད་པར་བཏང་བར་ཀིམ་ཇུང་ཨུན་གྱིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པར་བཀའ་དྲིན་ཆེ། རྒྱ་ནག་དང་བྱང་ཀོ་རི་ཡའི་མཛའ་འབྲེལ་དེ་ཉིད་མི་རབས་གོང་མ་རྣམས་ཀྱིས་བཙུགས་པའི་ལོ་རྒྱུས་ཀྱི་འབྲེལ་བ་ཞིག་ཡིན་ཞེས་ཞིས་ཅིན་ཕིང་གིས་གཏམ་བྱས་པ་སོགས་བཀོད་རུང་། ཀིམ་ཇུང་ཨུན་དང་ཞིས་ཅིན་ཕིང་གིས་གྲོས་མོལ་བྱས་པའི་ནང་དོན་གཙོ་བོ་རྣམས་ཕྱིར་བསྒྲགས་བྱས་མེད་ཅིང་། ད་ཐེངས་ཀྱི་འཚམས་འདྲི་འདི་ཟླ་བ་རྗེས་མར་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཐུག་འཕྲད་བྱ་འཆར་ཡོད་པ་དང་། ད་ལོའི་ཕྱི་ཟླ་༥་པ་ཙམ་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་འཆར་ཡོད་པར་བརྟེན། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་སྔོན་འགྲོའི་གྲོས་མོལ་བྱས་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་། དེའི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་གྲོས་མོལ་ཇི་ལྟར་བྱ་དགོས་མིན། བྱང་ཀོ་རི་ཡས་ལངས་ཕྱོགས་དང་རྩ་དོན་གང་འདྲ་ཞིག་མཁྲེགས་འཛིན་བྱ་དགོས་མིན་སོགས་ལ་ནང་མོལ་གྱི་ཚུལ་དུ་གྲོས་བསྡུར་བྱས་པ་རེད་ཅེས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་ཐོན་འདུག

ཀིམ་ཇུང་ཨུན་དང་ཞིས་ཅིན་ཕིང་ཐུག་འཕྲད།
please wait

No media source currently available

0:00 0:01:39 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG