ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་རི་ཀོན་དགོན་པར་ཆིབས་སྒྱུར་གནང་འཆར།


༄༅།། ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་ཆགས་པའི་རི་ཀོང་ཆོས་འཁོར་དགོན་ཕྱག་བཏབ་ནས་ལོ་ལྔ་བཅུ་འཁོར་པའི་དུས་དྲན་མཛད་སྒོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་མཛད་རྒྱུ་ཡིན་ཞིང་། རི་ཀོང་དགོན་པའི་མཁན་པོ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས་ཀྱིས་གསུངས་དོན་ལ་ རི་ཀོང་ཆོས་འཁོར་དགོན་ནི་སུད་སིར་གཞིས་ཆགས་པའི་བོད་པ་ཚོར་ཆེད་དུ་དམིགས་ནས་ཕྱག་བཏབ་པའི་དགོན་པ་ཞིག་ཡིན་པ་མ་ཟད། ད་ལོའི་ཕྱི་ཟླ་༩་པར་དགོན་པ་འདི་ཕྱག་བཏབ་ནས་ལོ་ལྔ་བཅུ་འཁོར་པའི་མཛད་སྒོ་དེར་མཛད་རིམ་བཞི་ཡོད་པ་ཚང་མར་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་རྒྱུའི་ཞལ་བཞེས་ཐོབ་སོང་ཞེས་གསུངས་ཡོད་པའི་སྐོར། རྣམ་རྒྱལ་ཤསྟྲི་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG