ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འཇམ་སྟོབས།


རྒྱ་ནག་གི་འཇམ་སྟོབས།
please wait

No media source currently available

0:00 0:05:10 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་མཇུག་བསྒྲིལ་པའི་རྗེས་སུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་ལ་བཅོས་སྒྱུར་ཞེས་པའི་ཡིག་ཆ་ཞིག་འགྲེམ་སྤེལ་བྱས་ཡོད་ཅིང་། ཡིག་ཆ་དེའི་ནང་དུ་རྒྱ་ནག་གི་གསར་འགྱུར་དང་གློག་བརྙན། དཔེ་སྐྲུན་བཅས་ཀྱི་རང་དབང་དེ་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་སྟངས་འཛིན་བྱ་རྒྱུ་ཡིན་པ་བཀོད་འདུག རྒྱ་ནག་གི་མི་དམངས་འཐུས་མིའི་ཚོགས་ཆེན་མཇུག་བསྒྲིལ་པའི་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་གྱི་གྲོས་གཞི་ཞེས་པའི་ཡིག་ཆ་ཞིག་གཏན་འབེབས་ཀྱིས་དེ་སྔོན་རྒྱ་ནག་གི་དྲིལ་བསྒྲགས་ལྷན་ཁང་གི་ཁོངས་གཏོགས་གསར་ཤོག་དང་དཔར་སྐྲུན། རླུང་འཕྲིན། གློག་བརྙན་། བརྙན་འཕྲིན་བཅས་ཀྱི་ལས་ཁུངས་ཁག་ལ་བསྒྱུར་བཅོས་བཏང་སྟེ། རྒྱ་ནག་གི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་གསར་པ་ཞིག་བཙུགས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་གཏོགས་ལས་ཁུངས་སུ་བསྒྱུར་ཡོད་པ་རེད།། རྒྱལ་ཁབ་ཅིག་ལ་མཚོན་ན་གསར་འགྱུར་བརྒྱུད་ལམ་དང་གློག་བརྙན། དཔར་སྐྲུན་བཅས་ཀྱི་བདག་དབང་ཅི་ཙམ་ཆེ་ན་དེ་ཙམ་གྱིས་མི་མང་ལ་རང་དབང་ལྡན་པའི་སྒོ་ནས་གནས་ཚུལ་ཤེས་རྟོགས་ཐུབ་བཞིན་ཡོད། ཡང་ཡི་གེ་དང་བརྙན་ལམ་དུ་རིན་ཐང་གི་ལྟ་ཚུལ་དང་ཆབ་སྲིད་ཀྱི་ལྟ་བ་བརྒྱུད་སྤེལ་བྱེད་པར་འཇམ་པོའི་སྟོབས་ཤུགས་ཞེས་འབོད་བཞིན་པ་འདི་སྲིད་གཞུང་ཞིག་གིས་ཐད་ཀར་བེད་སྤྱོད་བཏང་བ་ཡིན་ཚེ། འཇམ་པོའི་སྟོབ་ཤུགས་དེ་སྲིད་གཞུང་དེར་སྲི་ཞུ་སྒྲུབ་བྱེད་ཀྱི་ལག་ཆར་འགྱུར་བཞིན་པ་རེད།། ད་ལྟ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དང་གློག་བརྙན། དཔེ་སྐྲུན་བཅས་རྒྱ་ནག་དམར་ཤོག་ཚོགས་པའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་བཀོད་འདོམས་བྱ་འཆར་ཡོད་པ་དེ་ལ་དབྱེ་ཞིབ་པ་ཚོས་བརྗོད་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་པེང་གི་གཞུང་འཛིན་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས། དྲིལ་བསྒྲགས་ཐད་ལ་སྔར་ལས་ལྷག་པའི་ནུས་པ་འདོན་ངེས་པ་མ་ཟད། རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་དཀའ་ངལ་སྔར་ལས་ཆེ་བ་འཕྲད་རྒྱུ་ཡིན་ཞིང་། ཡང་རྒྱ་ནག་གིས་མ་དངུལ་ཕོན་ཆེན་བཏང་ནས་ནུབ་ཕྱོགས་ཀྱི་གློག་བརྙན་ཁྲོམ་རར་ཤུགས་རྐྱེན་ཐེབས་པར་འབད་བརྩོན་བྱས་མྱོང་ཡོད་པ་ཇི་བཞིན་དེང་སྐབས་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་བཀོད་འོག་གི་གློག་བརྙན་བཟོ་ལས་ཁང་ཚོས་ཀྱང་ནུབ་ཕྱོགས་ཀྱི་གློག་བརྙན་ཁྲོམ་རར་མ་རྩ་ཕོན་ཆེན་འཛུགས་རྒྱུ་ལས་སླ་རུ་སོང་ཡོད། གཞན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་གི་དབུས་རྒྱང་སྒྲོག་འཕྲིན་སྤྱི་ཁྱབ་ལས་ཁུངས་སམ་དབྱིན་སྐད་དུ་རྒྱ་ནག་གི་སྒྲ་སྐད་ཟེར་པ་དེས་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་སྣང་བརྙན་བཞེང་པའི་ཆེད་དུ་གསར་ཁང་ཞིག་འཛུགས་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ལས་ཁུངས་ཁག་གི་སྒྲོམ་གཞི་རྒྱ་ཆེ་ས་ནས་བཅོས་སྒྱུར་ཆེན་པོ་ཞིག་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་འགོ་ཁྲིད་ཞིས་ཅིན་ཕིང་གི་གཞུང་གིས་མང་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ལ་སྟངས་འཛིན་ནན་མོ་བྱ་རྒྱུ་དང་སྲིད་གཞུང་ལ་ཞབས་ཞུ་སྒྲུབ་བྱེད་ཀྱི་འཇམ་པོའི་སྟོབས་ཤུགས་བེད་སྤྱོད་གཏོང་རྒྱུ་ཡིན་འདུག

XS
SM
MD
LG