ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་གི་དྲ་ལམ་ཞིབ་བཤེར།


ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཞིན་ཅང་གི་ས་ཁུལ་སོ་སོའི་འཐུས་མི་ཚང་འཛོམས་སར་ཞིན་ཅང་དུ་དྲག་སྤྱོད་པའི་ལས་འགུལ་འབྱུང་བཞིན་པའི་སྒང་ཡིན། ཞིན་ཅང་གི་གཞུང་འབྲེལ་ཚན་པ་ཁག་གིས་དྲག་སྤྱོད་པར་རྒོལ་རྡུང་བྱེད་པའི་ཛ་དྲག་གི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད། ཞིན་ཅང་གི་ལས་བྱེད་པ་ཚོ་སོས་དལ་བག་ཕེབས་སུ་སྡོད་ལོང་གཏན་ནས་མེད་ཅེས་བརྗོད་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲ་ལམ་གྱི་དཔེ་དེབ་དང་བརྙན་པར། སྒྲ་དབྱངས་སོགས་བཀག་སྡོམ་བྱེད་བཞིན་པ་ཕྱིར་བསྒྲགས་བྱས་མྱོང་མེད་ཀྱང་ཉེ་བའི་ཟླ་ཤས་ནང་དུ་ཞིན་ཅང་གི་ས་གནས་སོ་སོར་ཡུ་གུར་བ་དང་ཧ་སཱ་ཁ་པ་བཅས་མི་༡༥་ལྷག་ལ་དྲ་ལམ་དུ་དྲག་སྤྱོད་པ་དང་མཐའ་ལྷུང་བའི་བརྙན་རིས་དང་སྒྲ་སྐད་ཕབ་ལེན། རྩོམ་ཡིག་དང་འདྲ་པར་འགྲེམ་སྤེལ་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་ཡོད་ཅིང་། ཉེས་དོན་༡༢་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གཞུང་གིས་གསལ་བསྒྲགས་བྱས་འདུག ཡིན་ནའང་ད་བར་རྒྱ་ནག་གཞུང་གིས་དྲག་སྤྱོད་བརྙན་པར་ཞེས་པ་འདི་ལ་འགྲེལ་བཤད་ཁ་གསལ་ཞིག་བརྒྱབ་མེད་པས་དྲ་རྒྱའི་ལྕགས་རི་གཏོར་བྱེད་ཝྭི་ཕི་ཨེན་ལའང་དྲག་སྤྱོད་ཀྱི་མཉེན་ཆས་ཞེས་འབོད་བཞིན་པ་རེད།། ཞིན་ཅང་གི་ཧེ་ཐེན་ཉིན་རེའི་ཚགས་པར་གྱིས་ཕྱི་ཚེས་༡༣་ཉིན་ཞིན་ཅང་གི་ས་གནས་མང་ཚོགས་ཀྱིས་དྲ་རྒྱའི་བརྒྱུད་ལམ་དུ་ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཁ་བྲལ་རིང་ལུགས་ལ་སོགས་འབྲེལ་བ་ཡོད་པའི་ཡིག་ཆ་དང་སྒྲ་སྐད། བརྙན་པར་སོགས་ཁྱབ་བསྒྲགས་དང་འགྲེམ་སྤེལ་བྱེད་ན་འབྲེལ་ཡོད་བདེ་སྲུང་ལས་ཁང་གིས་ཞིབ་འཇུག་གཟབ་ནན་བྱས་ནས་དོ་བདག་ལ་ཉེས་ཁྲིམས་ལྕི་མོ་གཅོད་རྒྱུ་ཡིན་ཞེས་གནས་ཚུལ་སྤེལ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG