ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་རེག་སི་ཁྲེ་ལེ་སེན་གནས་དབྱུང་བཏང་བ།


སྐུ་ཞབས་རེག་སི་ཁྲེ་ལེ་སན་ནས་ཨ་རིའི་ཕྱི་སྲིད་བློན་ཆེན་གྱི་ལས་འགན་བཞེས་རྒྱུ་མིན་པ་བརྗོད་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཁྲ་རམ་ནས་རེས་གཟའ་པ་སངས་ཉིན་ཁོང་ལས་གནས་ནས་ཁ་བྲལ་དགོས་པ་གསུངས་ཏེ་ཨ་ཧྥུ་རི་ཀར་ལས་དོན་འཚམས་འདྲི་གནང་བཞིན་ཡོད་པའི་སྐུ་ཞབས་ཁྲེ་ལེ་སེན་རེས་གཟའ་ཟླ་བའི་ཉིན་སྔོན་ལ་ཝ་ཤིང་ཊོན་དུ་ཕྱིར་ལོག་གནང་ཡོད་འདུག ཨ་རིའི་སྲིད་འཛིན་ཁྲ་རམ་ནས་འཕྲུལ་སྒྲ་དྲ་ཚིགས་ཐོག་ཕྱི་སྲིད་བློན་ཆེན་ལས་གནས་ནས་ཁ་བྲལ་བའི་གནས་ཚུལ་བདེན་པ་ཡིན་པ་ར་སྤྲོད་གནང་ཞིང་། ཁོང་གིས་རྒྱལ་ཁབ་ལ་ཞབས་འདེགས་གྲུབ་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་། སྲིད་འཛིན་ཁྲ་རམ་ནས་ད་དུང་མུ་མཐུད་གསུངས་པར། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་མའེཁ་ཕོམ་ཕེལ་ནས་ཕྱི་སྲིད་བློན་ཆེན་གྱི་ལས་འགན་བཞེས་རྒྱུ་དང་། ད་ལྟའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ལྕམ་ཇི་ནཱ་ཧསེ་ཕེལ་ནས་འགན་འཛིན་གནང་རྒྱུ་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG