ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གཞུང་གིས་༧གོང་ས་མཆོག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་ཅེས་གསུངས་པ།


2010
2010

རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་སོང་མེད་པར་གསལ་གསལ་ཐིང་ཐིང་ཡིན་པ་དང་། ༧གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གལ་ཆེ་ཞིག་ཡིན་པ་མ་ཟད། རྒྱ་གར་མི་མང་གིས་ཤིན་ཏུ་གུས་བསྐུར་ཆེན་པོ་ཞུ་ཡུལ་དབུ་ཁྲིད་གཅིག་རེད་ཅེས་འགྲེལ་བརྗོད་གནང་འདུག རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཨིན་ཌི་ཡ ཨེཀྶ་རི་རེས་ཞེས་པས་གསར་འགྱུར་འགོད་སྤེལ་བྱས་པའི་ནང་ད་ལྟའི་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐོག་ཚོར་སྣང་སྐྱེན་པའི་གནས་སྟངས་འགོག་ཐབས་ལ་རྒྱ་གར་གྱི་བློན་ཆེན་སོགས་མཐོ་རིམ་མི་སྣ་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རིམ་ཁག་ལ་མཉམ་ཞུགས་བྱེད་རྒྱུ་མེད་པའི་ལམ་སྟོན་གནང་བ་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དིལླི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསུངས་དོན་ལ་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོ་རྒྱ་གར་ནང་འདས་པའི་ལོ་ངོ་དྲུག་ཅུ་ཙམ་བཙན་བྱོལ་བའི་གནས་བབས་ལ་བཞུགས་རྒྱུན་རྒྱ་གར་གཞུང་གི་སྲིད་བྱུས་ལ་འགྱུར་བ་མེད་པར་གནས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG