ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བྱང་ཀོ་རི་ཡར་གྲོས་མོལ་བྱ་དགོས་པའི་ནན་སྐུལ།


ཉེ་དུས་ཤིག་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡར་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་མོད། འོན་ཀྱང་བྱང་ཀོ་རི་ཡས་རྒྱལ་སྤྱིའི་དམ་དྲག་ཁག་ལ་བརྩི་མེད་གཏོང་གི་ཡོད་པས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་རྒྱག་སྲིད་པའི་སོགས་ཀྱི་ཉེན་ཀ་ཡོད་པ་ཞི་འཇགས་གཏོང་ཐབས་སུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱ་དགོས་ཞེས་ནན་སྐུལ་བྱས་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG