ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་རྟོག་ཞིབ་ཀྱི་རྒྱལ་ཁབ་ཏུ་གྱུར།


ཉེ་དུས་ཤིག་ནས་རྒྱ་ནག་ལྷོ་ཕྱོགས་ཀྱི་ཧེ་ནན་ཞིང་ཆེན། ཀྲེང་ཀྲུག་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་མིའི་ངོ་ཐག་གཅོད་པའི་པར་ཆས་བཙུགས་པ་དང་མེ་འཁོར་འབབ་ཚུགས་ཀྱི་ཉེན་རྟོག་པ་ཚོས་མི་ངོ་ཟིན་པའི་མིག་ཤེལ་གྱོན་ནས་འགྲུལ་པ་ཚོར་རྟོག་ཞིབ་བྱ་འགོ་ཚུགས་ཏེ། ཁྲིམས་འགལ་གྱི་ཉེས་ཅན་པ་དང་མི་གང་ཞིག་གིས་རྣམ་པ་རྫུན་མ་བསྟན་ནས་འགྲིམ་འགྲུལ་བྱེད་ཀྱི་ཡོད་པ་རྣམས་བཀག་འགོག་བྱེད་ཀྱི་ཡོད་ཅིང་། ལོ་ལྟར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་སུ་མི་གྲངས་ས་ཡ་མང་པོ་འགྲིམ་འགྲུལ་བྱེད་ཀྱི་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་༢་ཚེས་༡་ནས་ཕྱི་ཟླ་༣་ཚེས་༡༢་བར་དུ་རྒྱ་ནག་པ་དུང་ཕྱུར་༣་དང་བྱེ་བ་༩་ཙམ་མེ་འཁོར་ནང་དུ་འགྲུལ་བཞུད་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཉེ་ཆར་རྒྱ་ནག་གི་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོས་མི་ངོ་ཟིན་པའི་མིག་ཤེལ་གྱོན་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་ནས་བཟུང་། ད་བར་འཕྲོག་བཅོམ་བྱེད་མཁན་དང་ཁྲིམས་འགལ་གྱི་ཉེས་ཅན་པ་ཡིན་པའི་མི་སྣ་དོགས་གཞི་ཅན་༧་ངོ་ཐག་བཅད་ནས་འཛིན་བཟུང་བྱས་ཡོད་པ་དང་། མི་ངོ་ཟིན་པའི་པར་ཆས་རྣམས་རྒྱ་ནག་གི་སྟབས་བདེའི་ཟ་ཁང་ཁག་གི་དངུལ་སྒོར་ལེན་ས་དང་སྐྱེལ་འདྲེན། ཉེས་ཅན་པ་རྩད་གཅོད་དང་གསང་སྤྱོད་ཀྱི་ཤོག་གུ་བཅས་ལ་ལྟ་རྟོག་བྱེད་པའི་ཆེད་དུ་བཙུགས་ཏེ། རྒྱ་ནག་གི་སྤྱི་ཚོགས་སུ་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ལྟ་རྟོག་ནན་པོ་དང་དམ་པོ་བྱེད་པའི་ལམ་ལུགས་ཤིག་དར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG