ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་ཁ་ཁུ་སིམ་པོར་ཡུ་རོབ་ལ་ཤུགས་རྐྱེན་རྒྱ་སྐྱེད།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དབྱིན་ཡུལ་ལ་འཚམས་འདྲིར་ཕེབས་རྒྱུ་དེར་འགྱུར་བ་ཡང་ནས་ཡང་དུ་ཐེབས་པའི་སྐབས་འདིར་དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཚོར་སྐྱེན་རྣོ་བའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་གླེང་སློང་གང་ཡང་བྱས་མེད་པས་རྒྱ་ནག་གི་གསར་འགྱུར་ཁག་གིས་དབྱིན་ཇིའི་སྲིད་བློན་གྱི་འཚམས་འདྲི་དེར་བསྔགས་བརྗོད་བྱས་ཡོད་ཅིང་། རྒྱ་ནག་དང་དབྱིན་ཡུལ་གྱི་འབྲེལ་ལམ་དེ་ཉིད་དུས་སྐབས་བཟང་ཤོས་སུ་སླེབས་ཡོད་པའི་འགྲེལ་བརྗོད་བྱས་པ་དང་། ད་དུང་དེའི་སྔོན་ཙམ་སྟེ། ཟླ་བ་སྔོན་མའི་མགོ་སྟོད་དེར་ཧྥ་རན་སིའི་སྲིད་འཛིན་ཡང་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ནས་དུས་རབས་༢༡་པ་འདིར་ཡུ་རོབ་དང་རྒྱ་ནག་གི་འབྲེལ་ལམ་མཛའ་གྲོགས་གསར་པ་ཞིག་ཏུ་འགྱུར་རྒྱུའི་དམ་བཅའ་བཞག་པ་མ་ཟད། སྲིད་འཛིན་ཞིས་ཅིན་ཕིང་ལ་མཛའ་མཐུན་མཚོན་པའི་རྩ་ཆེའི་ཕྱག་རྟགས་སུ་གཞོན་རྟ་ཞིག་ཀྱང་ཕུལ་ཡོད་པ་དང་། ཧྥ་རན་སིའི་གསར་འགྱུར་ཁག་གིས་ཡུལ་གྲུ་གཉིས་ཀྱི་ཕྱི་འབྲེལ་དེ་ལྟ་བུ་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད། ཡིན་ནའང་གཟའ་ཟླ་བའི་ཉིན་མོར་ཡུ་རོབ་ཀྱི་སྲིད་དོན་དབྱེ་ཞིབ་པ་གྲགས་ཅན་ཁག་ཅིག་གིས་དགོངས་ཚུལ་གསུངས་པའི་ཞིབ་འཇུག་གསར་པ་གཉིས་ལ་ཡུ་རོབ་ཀྱི་ཆབ་སྲིད་འགོ་ཁྲིད་ཚོས་རྒྱ་ནག་ལ་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་སུ་རྒྱ་ནག་ལ་འཐམ་འཁྱུད་བྱེད་ཀྱི་ཡོད་པ་ལས་རྒྱ་ནག་གི་དབང་ཆ་རྒྱ་བསྐྱེད་ཀྱི་ཧམ་སེམས་ལ་སྣང་མེད་འཆོར་གྱིན་འདུག་ཅེས་གསལ་སྟོན་གནང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG