དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེ་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ལ་ རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་ཅིང་། སང་ཉིན་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་དབྱིན་ཇིའི་སྲིད་བློན་ལ་མཇལ་འཕྲད་གནང་སྟེ་ཧོང་ཀོང་གི་ཆབ་སྲིད་གནས་སྟངས་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་སོགས་བཀའ་མོལ་གནང་འཆར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།