ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་རྒྱ་ཚིག་མཛོད་གསར་པ་གཉིས།


བོད་ཀྱི་ཚིག་མཛོད་གསར་པ།

མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་འགན་བཞེས་ནས་རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་རྩོམ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་སྲོལ་རྒྱུན་ཐ་སྙད་རིས་འགྲེལ་མིང་མཛོད་ཅེས་པའི་མིང་ཚིགས་གསར་པའི་ཚིག་མཛོད་གསར་པ་ཞིག་བཏོན་ཡོད་པའི་སྐོར། དཀོན་མཆོག་དོན་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་རྒྱ་ཚིག་མཛོད་ཀྱི་མཉན་ཆས་འགྲེམ་སྤེལ།

ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་གྱིས་བསྒྲུབས་པའི་བོད་རྒྱ་ཚིག་མཛོད་མཉེན་ཆས་བདུན་ཕྲག་འདིར་ཐེ་ཝན་དུ་དབུ་འབྱེད་དང་འགྲེམ་སྤེལ་བྱས་ཡོད་ཅིང་། ཐ་སྙད་༦༠༠༠༠་ཡོད་པའི་བོད་རྒྱ་ཚིག་མཛོད་ཀྱི་མ་ཚིག་བོད་ཡིག་དང་འགྲེལ་བཤད་རྣམས་རྒྱ་ཡིག་ཡིན་པ་མ་ཟད། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལོ་གཅིག་གི་སྔོན་དུ་རྒྱ་བོད་ཚིག་མཛོད་ཀྱི་མཉན་ཆས་བཟོས་པ་ཕབ་ལེན་བྱེད་མཁན་ཀུ་ཤུ་ལག་ཐོགས་ཁ་པར་ནང་དུ་བཀོལ་སྤྱོད་པ་ས་ཡ་གཅིག་དང་ཁྲི་ཚོ་དགུ་བྱུང་ཡོད་ཅེས་འགན་འཛིན་དགེ་བཤེས་སྨོན་ལམ་གྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པའི་ཞིབ་ཕྲའི་གནས་ཚུལ་རྣམས་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG