ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀོ་རི་ཡ་གཉིས་ཀྱི་གྲོས་མོལ་དེས་རེ་ཞིག་དམག་འཁྲུག་གི་ཉེན་ཀ་ལྕོག་པ།



ལྷོ་བྱང་ཀོ་རི་ཡ་གཉིས་ཟླ་བ་རྗེས་མར་ལྷོ་ཀོ་རི་ཡར་འཚོགས་རྒྱུའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལོན་པིག་རྩེད་འགྲན་གྱི་སྔོན་ལ་གྲོས་མོལ་ཞིག་བྱུང་སྟེ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་དང་ཨ་མི་རི་ཀའི་ཐོག་ཏུ་མེ་ཤུགས་འཕུར་མདེལ་འཕེན་སྲིད་པའི་ཉེན་ཁ། ད་དུང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་དམག་འཁྲུག་ལང་སྲིད་པ་སོགས་ཀྱི་ཉེན་ཁ་རྣམས་རེ་ཞིག་ཞི་འཇགས་སུ་གཏོང་ཐུབ་ཡོད་མོད། ཡིན་ནའང་བྱང་ཀོ་རིའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱ་དགོས་པར་ཁས་ལེན་བྱས་མེད་ཅིང་། ཁོ་ཚོས་རང་ལ་ཨ་རིའི་རྒོལ་རྡུལ་འབྱུང་རྒྱུ་འགོག་ཐབས་སུ་རྡུལ་ཕྲན་མཚོན་ཆ་ལྡན་པའི་རྒྱལ་ཁབ་ཅིག་ལ་བསྒྱུར་དགོས་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་གི་མེད་པས་དམག་འཁྲུག་གི་ཉེན་ཁ་དེ་ཉིད་གནས་སྐབས་རིང་གི་མཚམས་འཇོག་ཅིག་མ་གཏོགས་ཡུན་རིང་གི་ཞི་བདེ་ཞིག་བསྐྲུན་པ་མཚོན་ཐུབ་ཀྱི་མེད་པ་དང་། ལྷོ་བྱང་ཀོ་རི་ཡའི་རྩོད་གཞི་ཁག་རེ་ཞིག་ཞི་འཇམ་དུ་ཕྱིན་པའང་གཏན་དུ་གནས་ཐུབ་པ་ཞིག་མིན་ཞེས་དཔྱད་ཞིབ་ཀྱི་གསར་འགྱུར་ཐོན་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་གཞུང་འཛིན་ལྷན་ཁང་དུ་མི་ཁག་ཅིག་གིས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱས་ནས་རྩོད་གཞི་སེལ་དགོས་ཟེར་པ་དང་། མི་ཁག་ཅིག་གིས་སྔོན་ལ་ཕྱི་འབྲེལ་གྱི་ཐབས་ལམ་ཡོངས་སུ་རྫོགས་པ་བརྒྱུད་ནས་གནད་དོན་ཐག་གཅོད་བྱ་དགོས་ཞེས་བསམ་ཚུལ་མི་མཐུན་གཉིས་ཡོད་མུས་ཡིན་ལ། ཌོ་ནལ་ཊོམ་གྱི་གཞུང་འཛིན་ལྷན་ཁང་གི་མཐོ་རིམ་མི་སྣ་ལྔ་ཙམ་གྱིས་རང་གི་མི་འདོན་དངོས་སུ་མ་གནང་བར་གསར་འགྱུར་ལས་ཁང་ཁག་ལ་འགྲེལ་བརྗོད་གནང་ཡོད་པ་རེད།།

XS
SM
MD
LG