ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་བཅད་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་བྱས་པར་རྒྱལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཅིང་། གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་པའི་མི་དམངས་འབྲིང་རིམ་ཁྲིམས་ཁང་ལ་ཉེས་དོན་གཏུག་བཤེར་གྱི་སྐབས་སུ་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་གཅོད་རྒྱུ་ཕར་འགྱངས་བཏང་སྟེ། ད་བར་ལོ་གཉིས་ཀྱི་རིང་དུ་དོ་བདག་ལ་ཁྲིམས་ཐག་མ་བཅད་པར་བཀག་ཉར་འོག་ཏུ་བཞག་པའི་གནས་སྟངས་དེར་འགྱུར་བ་མེད་པར་སོར་གནས་ཡིན་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཀྱིས་བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ལས་འགུལ་ཞིག་སྤེལ་པ་རྒྱ་ནག་གི་ཁྲིམས་ལུགས་ལ་མཐུན་པ་ཞིག་རེད་ཅེས་ནན་བརྗོད་བྱས་པ་དང་། ཁྲིམས་རྩོད་པ་ལེང་ཤའོ་ཅུན་གྱིས་བཀྲ་ཤིས་དབང་ཕྱུག་ནི་ཉེས་མེད་ཀྱི་མི་ཞིག་རེད་ཅེས་དག་འབུད་བྱས་པ་མ་ཟད། བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེངྒེས་ཀྱང་ཐེངས་འདིར་རྒྱ་ནག་གིས་ཁྲིམས་ཐག་གང་འདྲ་ཞིག་གཅོད་རྒྱུ་ཡིན་མིན་ནི་རྒྱ་ནག་གིས་རང་གི་ཁྲིམས་ལུགས་ལག་བསྟར་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་འཇོག་གང་འདྲ་ཞིག་བྱེད་ཀྱི་ཡོད་མེད་ཀྱི་ཚད་གཞི་འཛིན་ས་ཞིག་ཏུ་འགྱུར་ངེས་ཡིན་ཞེས་འགྲེལ་བརྗོད་གནང་འདུག་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར།
please wait

No media source currently available

0:00 0:02:25 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG