ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྫ་ཆུ་་རྒྱལ་ཁབ་དྲུག་གི་རྩོད་གཞི་ཆིག་ལ་འགྱུར་བཞིན་པ།


མགོ་ཁོངས་བོད་ལ་ཐུག་པའི་རྫ་ཆུ་ནི་རྒྱལ་ཁབ་དྲུག་གི་རྩོད་གཞི་ཞིག་ལ་འགྱུར་བཞིན་ཡོད་པ་དང་། དཔེར་ན་ཟླ་བ་སྔོན་མར་རྒྱལ་ཁབ་དྲུག་གི་ཕྱི་སྲིད་བློན་ཆེན་ཚོ་རྒྱ་ནག་ལ་ལྷན་འཛོམས་ཀྱིས་རྫ་ཆུའི་རྒྱུད་ཀྱི་ཡར་རྒྱས་ལས་འཆར་ལོ་ལྔ་ཅན་ཞིག་ཟིན་བྲིས་བཀོད་ཡོད་ཅིང་། རྒྱ་ནག་གི་ཡུན་ནན་ཞིང་ཆེན་དུ་ཚོགས་པའི་ལྷན་ཚོགས་དེའི་སྐབས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གིས་རྫ་ཆུའི་རྒྱུད་ཀྱི་རྒྱལ་ཁབ་དྲུག་པོར་དཔལ་འབྱོར་ཡར་རྒྱས་ཀྱི་རོགས་སྐྱོར་བྱ་རྒྱུ་དང་། ཡར་རྒྱས་ཀྱི་ལས་འཆར་གཞི་རྒྱ་ཆེ་བ་བཅུ་ཕྲག་ཁ་ཤས་ལ་འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་ཡོད་ཅེས་གསལ་བསྒྲགས་བྱས་ཡོད་པ་མ་ཟད། འཆར་གཞི་དེ་ཚོར་རྒྱལ་ཁབ་དེ་དག་གི་ཆེས་མཐོའི་འགོ་ཁྲིད་ཚོ་ཟླ་བ་འདིའི་ཟླ་མཇུག་ཏུ་ལྷན་འཛོམས་ཀྱིས་མཐའ་མའི་མཚན་རྟགས་འགོད་འཆར་ཡོད་ཀྱང་ཁོར་ཡུག་སྲུང་སྐྱོབ་པ་ཚོས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དཀའ་ངལ་འཕྲད་སྲིད་པའི་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG