ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གི་སྐུ་སྲུང་ཉེན་རྟོག་པ་༡༣་འཕོ་འགྱུར།


རྒྱ་གར་གྱི་ཧིན་རྡུ་སི་ཐན་གསར་ཤོག་ལ་གནས་ཚུལ་ཐོན་པར་གཞིགས་ན་རྒྱ་གར་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་སྐྱོབ་ཀྱི་དམ་དྲག་ཆེ་རུ་བཏང་ཡོད་ཅིང་། དེང་སྐབས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་སྐུ་སྲུང་ཉེན་རྟོག་པ་ཧ་ཅང་མང་པོ་ཞིག་འགྲེམ་འཇོག་བྱས་པའི་གྲས་ཀྱི་འགའ་ཞིག་རང་ཉིད་གོ་སྒྲིག་བྱས་པའི་ས་གནས་སུ་མ་བསྡད་པར་ལས་འགན་འཐུས་ཤོར་སོང་བ་ཤེས་རྟོགས་བྱུང་སྟེ། རྒྱ་གར་གྱི་ཉེན་རྟོག་པ་༡༣་གནས་སྐབས་རིང་ལས་གནས་ནས་ཕྱིར་འཐེན་བྱས་ཡོད་པའི་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལྡན་ཁང་གི་ལན་ལག་འགན་འཛིན་འཇིགས་མེད་རྒྱ་མཚོ་ལགས་སུ་་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG