ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

པ་ཀིས་ཐན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གཞུང་ཚབ་ཆེན་མོ་ཆེད་འགུག་བྱས་པ།


རེས་གཟའ་མིག་དམར་ཉིན་པ་ཀིས་ཐན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ཡུལ་དེར་ཡོད་པའི་ཨ་རིའི་གཞུང་ཚབ་ཆེ་མོ་ཕྱི་སྲིད་ལས་ཁུངས་སུ་ཆེད་འགུག་བྱས་འདུག་པ་དང་། དེ་ནི་ཕྱི་ལོ་གསར་པའི་ཉིན་མོར་སྲིད་འཛིན་ཌོ་ནལྜ་ ཀྲམ་གྱིས་ཀྲུ་ཝི་ཀྲར་ནང་པ་ཀིས་ཐན་གྱིས་ཨ་རི་ལ་སྐྱག་རྫུན་དང་བསླུ་བྲིད་ཁོ་ན་བྱས་པ་རེད་ཅེས་གསུངས་པ་དེར་པ་ཀིས་ཐན་གྱིས་ངོ་རྒོལ་མཚོན་ཆེད་བྱས་པ་ཞིག་ཡིན་པ་རེད། པ་ཀིས་ཐན་གྱི་ཕྱི་སྲིད་བློན་ཆེན་ཁ་ཝ་ཇ་ ཨ་སིབ་ཀྱིས་ སྲིད་འཛིན་གྱིས་ཀྲུ་ཝི་ཀྲར་རྒྱུད་དེ་གསུངས་པ་དེ་ནི་ཆབ་སྲིད་ཀྱི་རྩེད་མོ་ལས་འཕྲོས་པའི་ཚིག་མཚོན་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག་པ་དང་། སྲིད་འཛིན་ཀྲམ་གྱིས་འགྲེལབརྗོད་གནང་བ་དེར་རྒྱ་གར་དང་ཨཕྷ་གྷནིས་ཐན་གྱི་དཔོན་རིགས་ཚོས་བསྔགས་བརྗོད་བྱས་འདུག་ཀྱང་། རྒྱ་ནག་གིས་པ་ཀིས་ལ་རྒྱབ་སྐྱོར་བྱས་འདུག་

XS
SM
MD
LG