ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡས་རྡུལ་ཕྲན་གྱི་ལས་གཞི་རྒྱུན་འཁྱོང་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ།


བྱང་ཀོ་རི་ཡས་རྡུལ་ཕྲན་གྱི་མཚོན་ཆ་བཟོ་བསྐྲུན་བྱ་རྒྱུའི་ལས་འཆར་མུ་མཐུད་ནས་ལག་ལེན་བསྟར་རྒྱུ་ཡིན་ལུགས་ནན་བརྗོད་བྱས་ཡོད་ཅིང་དེའི་བར་ན་ ར་ཤི་ཡས་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་བརྩི་མེད་ཀྱི་ཐོག་ནས་བྱང་ཀོ་རི་ཡར་རྡོ་སྣུམ་ཚོང་སྒྱུར་བྱས་པའི་སྐོར་གནས་ཚུལ་ཐོན་ཡོད་ཀྱང་ ར་ཤི་ཡ་གཞུང་གིས་གནས་ཚུལ་དེ་བདེན་པ་མིན་ལུགས་བརྗོད་ཀྱི་ཡོད་པ་བཅས་ཀྱི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG