ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་དོན་བཙོན་པ་ཞིག་གི་བུ་མོ་སློབ་གྲྭར་མ་ཚུད་པ།


བོད་ཀྱི་ཆབ་སྲིད་བཙོན་པ་གཞོན་ནུ་དཔལ་ལྡན་བཙོན་ཁང་ནས་བཙོན་གྲོལ་ཐོབ་སྟེ་ལོ་ཤས་ཕྱིན་མོད། འོན་ཀྱང་ཁོ་པར་ད་དུང་ཡང་ལུས་ཁམས་བདེ་ཐང་མེད་པར་ཧ་ཅང་ཐབས་རྡུགས་ཀྱི་གནས་སུ་ལྷུང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གཞོན་ནུ་དཔལ་ལྡན་གྱི་བུ་མོ་སློབ་གྲྭར་འཇུག་གི་མེད་པ་དང་། དེར་བརྟེན་སྲིད་དོན་བཙོན་པ་དེས་རང་ལ་ནག་ཉེས་ཡོད་པའི་ཁྲིམས་གཅོད་ཡོངས་སུ་རང་ཉིད་ཀྱིས་ཁུར་འདོད་ཡོད། བུ་མོ་ནག་ཉེས་མེད་པས་ངེས་པར་དུ་སློབ་གྲྭར་ཚུད་དགོས་ཞེས་རྒྱ་གཞུང་ལ་སྙན་ཞུ་ཕུལ་ཡོད་པའི་སྐོར། རིག་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG