ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ།


༄༅།།རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་རྒྱ་གར་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཕྱི་ཟླ་༡༢་ཚེས་༡༡་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོས་པའི་ཚོགས་མི་ཚོས་བོད་ལ་རང་དབང་དགོས་ཞེས་འཁོད་པའི་ཡིག་བྱང་འཕྱར་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་། རྒྱ་གར་གྱི་ཉེན་རྟོག་པ་ཚོས་ཝང་དབྱི་བཞུགས་སའི་མགྲོན་ཁང་ཕྱི་ལོགས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བཅས་ན་གཞོན་ཕོ་མོ་༩་འཛིན་བཟུང་བྱས་པ་མ་ཟད། ད་ལྟ་ཁོ་ཚོ་རྒྱ་གར་གྱི་མན་དིར་མག་ཉེན་རྟོག་ལས་ཁང་དུ་བཀག་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG