ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཚོང་དོན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཆེད་དུ་ཀྲུརུ་ཌོ་རྒྱ་ནག་ལ་ཕེབས་ཡོད་པ།


ཀེ་ནེ་ཌེའི་སྲིད་བློན་སྐུ་ཞབས་ཇཱ་སི་ཊིན་ ཀྲུརུ་ཌོ་ རྒྱ་ནག་ཏུ་ཕེབས་འབྱོར་གནང་སྟེ་ གཟའ་ཟླ་བའི་ཉིན་ ཉིན་གྲངས་བཞིའི་འཚམས་འདྲི་དབུ་འཛུགས་གནང་ཡོད་ཅིང་ ཁོང་གིས་ ཐེངས་འདིའི་འཚམས་འདྲིའི་སྐབས་ ལས་རྩོལ་བའི་ཐོབ་ཐང་དང་ ཁོར་ཡུག་སྲུང་སྐྱོབ་ དེ་ཞིན་ ཕོ་མོ་འདྲ་མཉམ་བཅས་ཀྱི་གནད་དོན་ཁག་གལ་ཆེར་ངོས་འཛིན་བྱེད་པའི་ཀེ་ནེ་ཌའི་ཁྱད་ཆོས་བཟང་པོ་དེ་དག་མཚོན་ཐུབ་པའི་ཚོང་དོན་གྱི་གྲོས་མཐུན་ཞིག་རྒྱ་ནག་དང་འཇོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG