ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རང་སྲོག་བཅད་པའི་རྒྱ་ནག་གི་དམག་སྤྱི་དེ་དང་བོད།


སྒར་རྫོང་རྒྱ་སྨུག་གྲོང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྤེལ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ། ༼པར་མི་དམངས་དྲ་བ།༽
སྒར་རྫོང་རྒྱ་སྨུག་གྲོང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྤེལ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ། ༼པར་མི་དམངས་དྲ་བ།༽

ཉི་མ་འགའ་ཞིག་གི་གོང་དུ་པེ་ཅིང་དུ་རང་སྲོག་བཅད་པའི་རྒྱ་ནག་གི་དམག་སྤྱི་ཆེན་མོ་ཀྲང་ཡཱང་ལོ་གཉིས་ཀྱི་གོང་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༥༠་འཁོར་པའི་དུས་ཆེན་སྐབས་སུ་པེ་ཅིང་སྲིད་གཞུང་གི་འཐུས་མིའི་གྲས་སུ་བོད་ལ་ཡོང་སྟེ། ཁོ་པས་སྟོད་མངའ་རིས་ཁུལ་དུ་“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁག་ལག་ལེན་དོན་འཁྱོལ་མཐར་ཕྱིན་པ་ཞིག་བྱ་དགོས་”ཞེས་མཛུབ་སྟོན་བྱས་ཡོད་ཅིང་། ཀྲང་ཡཱང་སྟོད་མངའ་རིས་ཕྱོགས་སུ་སྐོར་སྐྱོད་བྱས་པའི་གནས་ཚུལ་རྣམས་སྤྱི་ལོ་༢༠༡༥་ལོའི་སྤྱི་ཟླ་༩་པའི་ཚེས་༡༤་ཉིན་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལ་ཐོན་ཡོད།།

ཧ་ཅང་ཁྱད་མཚར་ཞིག་ལ་ད་ལོ་དམག་སྤྱི་ཆེན་མོ་ཀྲང་ཡཱང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བྱེད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ལས་འགུལ་ནང་དུ་ཚུད་ནས་འདྲི་རྩད་བྱ་ཡུལ་དུ་གྱུར་ཏེ། བདུན་ཕྲག་སྔོན་མར་ཀྲང་ཡཱང་གིས་པེ་ཅིང་དུ་རང་སྲོག་བཅད་ནས་ཤི་བའི་གནས་ཚུལ་ཐོན་ཡོད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཚགས་པར་ནང་དུ་དམག་སྤྱི་དེར་མཐར་ཐུག་འབབ་འོས་པའི་ཉེས་ཁྲིམས་ནི་རྒྱ་ནག་གི་ཁྲིམས་ལུགས་ལྟར་ཉེས་ཆད་གཅོད་དགོས་པ་ཞིག་ཡིན་རུང་། ཁོ་པ་ཉེས་ཁྲིམས་འོག་ཏུ་ལས་ཐར་ཏེ་རང་སྲོག་བཅད་པ་རེད་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཚ་ནན་ཞིག་སྤེལ་འདུག

ཉེ་བའི་ལོ་མང་ཞིག་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་པ་དང་། ཁོ་ཚོས་འཛེམ་ཟོན་བྱ་མི་དགོས་པར་ལྐོག་ཟ་བྱེད་ཕོད་པའི་ལམ་སྲོལ་ངན་པ་ཞིག་དར་ཏེ། རྒྱ་ནག་གི་དམག་སྤྱི་ཆེ་ཁག་གི་བཀོད་འདོམས་འོག་ཏུ་ཚུད་པའི་གཤམ་འོག་དམག་དཔོན་ཁག་གི་གོ་གནས་རྣམས་གོང་ཚད་ངེས་ཅན་རེ་བརྒྱབ་ནས་དངུལ་སྒོར་གྱིས་ཉོ་ཚོང་བྱེད་ཆོག་པ་ཞིག་ཏུ་གྱུར་ཡོད།། འདྲ་པར་དང་པོ། སྤྱི་ལོ་༢༠༡༥་ལོའི་སྤྱི་ཟླ་༩་པའི་ཚེས་༩་ཉིན་དམག་སྤྱི་ཆེན་མོ་ཀྲང་ཡཱང་མངའ་རིས་ཁུལ་དུ་འབྱོར་ཏེ་གནང་ཐང་དུ་བོད་པ་ཚོར་ཕེབས་བསུ་ཞུ་རུ་བཅུག་པ། འདྲ་པར་གཉིས་པ། མངའ་རིས་སྒར་རྫོང་དུ་ཞིང་ལས་ཐོན་སྐྱེད་གླིང་ཟེར་སར་ལྟ་སྐོར་བྱེད་སྐྱོད་བཞིན་པ། འདྲ་པར་གསུམ་པ། སྒར་རྫོང་རྒྱ་སྨུག་གྲོང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པར་ཏང་གི་གཞི་རིམ་འཛིན་སྐྱོང་གི་སློབ་གསོ་སྤྲོད་བཞིན་པ།

XS
SM
MD
LG