ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཡེ་ཤུའི་བླ་ཆེན་མཆོག་འབར་མའི་སྨོན་ལམ་ཆེན་མོར་ཕེབས་ཞུགས།


ཕྱི་ཟླ་༡༡་ཚེས་༢༩་ཉིན་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་ཧྥ་རན་སེ་སི་སེ་འབར་མ་རྒྱལ་ཁབ་ཀྱི་ཡེ་ཤུ་གནམ་བདག་ཆོས་ལུགས་པའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས་ཏེ། བླ་ཆེན་མཆོག་གིས་ཡེ་ཤུ་ཆོས་དད་པ་འབུམ་གཅིག་དང་ཕྱེད་ཀ་ཙམ་འཛོམས་པའི་སྨོན་ལམ་ཆེན་མོའི་ཐོག་ཏུ་འབར་མ་རྒྱལ་ཁབ་ལ་ཞི་བདེ་དང་ཞི་འགྲིག་དགོས་པའི་འབོད་སྐུལ་གནང་བ་མ་ཟད། ཁོང་གིས་ནང་པའི་ཆོས་ལུགས་ཀྱི་བླ་ཆེན་ཚོར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་དམིགས་ཡུལ་ཆེད་དུ་གོ་བ་ལོག་གྲུབ་དང་བཟོད་སྒོམ་མི་ཐུབ་པ། ཕྱོགས་ལྷུང་དང་འཁོན་འཛིན་སོགས་སྤངས་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG