ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

ཨ་རི་དང་རྒྱ་ནག་གི་ཚོང་ལས།


ཨ་རིའི་སྲིད་འཛིན་ཌོ་ནལ་ཁྲ་རམ་ཨེ་ཤི་ཡའི་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་ནས་རང་ཡུལ་ལ་ཕྱིར་ལོག་བྱས་མ་ཐག་ཡིན་པ་དང་། ཁ་སང་གཟའ་ལྷག་པའི་ཕྱི་དྲོར་ཌོ་ནལ་ཁྲ་རམ་གྱིས་ཕོ་བྲང་དཀར་པོར་དུས་ཡུན་སྐར་མ་༢༠་ཙམ་ལ་གསར་འགོད་པ་ཚོར་གཏམ་བཤད་བྱས་ཏེ། ཁོང་གི་ཨེ་ཤི་ཡའི་རྒྱལ་དོན་འཚམས་འདྲི་ཁག་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད། ཨ་མི་རི་ཀ་སྔར་ལས་ལྷག་པའི་སྟོབས་ཤུགས་རྒྱས་ཡོད་ཅེས་བཤད་ཡོད་ཅིང་། ཉེ་ཆར་ཌོ་ནལ་ཁྲ་རམ་རྒྱ་ནག་ལ་ཉི་མ་གཉིས་ཀྱི་འཚམས་འདྲིར་ཕེབས་པའི་སྐབས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་སོགས་ལ་གྲོས་བསྡུར་བྱས་ཏེ། ཁོ་ཚོས་ཨ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་འབུམ་ཆེན་མོ་ལྔའི་ཚོང་ལས་ཀྱི་གྲོས་མཐུན་ཞིག་ཞིག་བཞག་པའང་སྔོན་ཆད་གྲོས་མཐུན་བྱུང་ཚར་པ་ཤ་སྟག་ཡིན་པ་དང་། ༢༠༡༦་གི་འོས་འདེམས་ལས་འགུལ་དུས་སུ་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་རྒྱ་ནག་གིས་དྲང་སྙོམས་བྱེད་ཀྱི་མེད་པ་དེར་ཐུག་ཡོད། གལ་སྲིད་ང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ན་རྒྱ་ནག་ལ་ཁེ་སང་ལེན་དུ་འཇུག་རྒྱུ་མིན་ཞེས་ངར་སྐད་བསྒྲགས་རུང་། བདུན་ཕྲག་སྔོན་མའི་པེ་ཅིང་གི་གསར་འགོད་ལྷན་ཚོགས་སྐབས་སུ་ཌོ་ནལ་ཁྲ་རམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པའི་ལན་ཁག་རྒྱ་ནག་ལ་མེད། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཚོའི་སྲིད་ཇུས་ལག་ལེན་བསྟར་སྟངས་མ་འགྲིག་པར་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པར་གྱུར་པ་རེད་ཅེས་བཤད་པ་དང་། ཉམས་ཞིབ་པ་ཕལ་ཆེ་བས་སྲིད་འཛིན་ཌོ་ནལ་ཁྲ་རམ་གྱི་རྒྱ་ནག་གི་འཚམས་འདྲིར་དེར་གྲུབ་འབྲས་གང་ཡང་ཐོན་མེད་པའི་བསྡོམས་ཚིག་བརྒྱབ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG