ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ལྟེ་གནས་ཁང་དབུ་འབྱེད།


བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་དཔེ་མཛོད་ཁང་ནས་སེ་སྒར་ཚན་རིག་ཁང་ཞེས་པ་ཞིག་དབུ་འབྱེད་གནང་ཡོད་པ་དང་སྦྱིན་བདག་གི་མཚན་ཐོག་ནས་གསར་འཛུགས་གནང་བའི་ཚན་རིག་ཁང་དེ་ནི་དགོན་སྡེ་ཁག་ཏུ་ཡོད་པའི་ཚན་རིག་ཁང་ཁག་དང་འདྲ་བའི་ཚན་རིག་གི་ལྟེ་གནས་ཞིག་ཡིན་པ་རེད། ཚན་རིག་ལྟེ་གནས་ཁང་དེ་དབུ་འབྱེད་ཀྱི་ཐོག་ལ་སྲིད་ཚབ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ལས་འཆར་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་བཀའ་དགོངས་བཅས་དང་འབྲེལ་བ་ཆེན་པོ་ཆགས་ཡོད་པས་ལེགས་གྲུབ་བྱུང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG