ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་སྲིད་འཛིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། སྲིད་འཛིན་ཞིས་ཅིན་ཕིང་གིས་ཌོ་ནལ་ཊོམ་ལ་མི་དམངས་ཚོགས་ཁང་ཆེན་མོར་སྣེ་ལེན་ཞུས་ཏེ། ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་རྒྱ་ནག་གིས་ལས་སླ་བོ་དང་མྱུར་དུ་སེལ་ཐུབ། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་དགོས་ཞེས་ནན་བརྗོད་བྱས་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་རྒྱ་ནག་དང་ཨ་མི་རི་ཀས་ཨ་སྒོར་ཁྲག་ཁྲིག་༢་དང་ཐེར་འབུམ་ཆེན་མོ་ལྔའི་ཚོང་ལས་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་རྒྱ་ནག་གི་ཁྲོམ་ར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་སྒོ་འབྱེད་དེ་ཙམ་བྱེད་ཀྱི་མེད་པར་ཨ་མི་རི་ཀའི་ཚོང་དོན་མི་སྣ་ཚོ་འདོད་པ་ཁེངས་མེད་པ་དང་། ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པ་རྒྱ་ནག་གིས་ཨ་མི་རི་ཀ་ནས་དངོས་ཟོག་ནང་འདྲེན་བྱེད་ཀྱིན་མི་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱས་མོད། འོན་ཀྱང་དེ་རིང་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པའི་ལན་ཁག་རྒྱ་ནག་ལ་མེད། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཚོས་སྲིད་ཇུས་ལག་ལེན་བསྟར་ཕྱོགས་མ་འགྲིག་པ་རེད་ཅེས་ལན་ཁག་དཀྲིས་པ་དང་། ཌོ་ནལ་ཊོམ་གྱིས་ཞིས་ཅིན་ཕིང་སྐྱེ་བོ་དམིགས་བསལ་ཅན་ཞིག་ཡིན་ཞེས་བསྔགས་བརྗོད་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG