ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཡུ་གུར་པ་བཙན་བྱོལ་བའི་དཀའ་ངལ།


༄༅།། རྒྱ་ནག་གི་དབང་སྒྱུར་འོག་ཏུ་འཚོ་གནས་མ་ཐུབ་པར་ཕྱི་རྒྱལ་ལ་བྲོས་བྲོལ་དུ་འགྲོ་བའི་ཞིན་ཅང་གི་ཡུ་གུར་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཡུ་གུར་པ་མང་ཆེ་བ་ཏུར་ཀི་དང་འཇར་མན་ཎི། ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཐར་ཐབས་བྱེད་ཀྱི་ཡོད་རུང་། རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཡོད་རྒྱལ་ཁབ་དེ་དག་ལ་ཞིན་ཅང་གི་ཡུ་གུར་པ་རྣམས་རང་ཡུལ་ལ་ཕྱིར་སློག་བྱ་དགོས། ཡུ་གུར་པ་མང་པོ་ཞིག་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཚོར་འབྲེལ་བ་ཡོད་ཅེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ཐེ་ལན་དང་ཝི་ཏེ་ནམ། ཨི་ཇེབ་སོགས་རྒྱལ་ཁབ་ཁག་ཅིག་གིས་ཡུ་གུར་པ་རྣམས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་ཡུ་གུར་པ་དེ་དག་གི་ཤུལ་ལུས་བཟའ་མི་ཚོར་བཙན་དྲག་དང་གནོན་ཤུགས། ཁོ་ཚོར་བྲོས་བྱོལ་དུ་སོང་བའི་ཡུ་གུར་པ་ཚོས་རྒྱ་ནག་གཞུང་ལ་གསང་བའི་ལས་དོན་བསྒྲུབ་དགོས། ཁོ་ཚོས་རྒྱ་ནག་གཞུང་གི་དགོས་འདུན་མ་བསྒྲུབས་ན་ཞིན་ཅང་དུ་ལུས་ཡོད་པའི་བཟའ་མི་ཚོར་ཡག་ག་ཞིག་མི་འབྱུང་ཞེས་སྡིགས་ར་སྐུལ་གྱི་ཡོད་པ་དང་། ཡུ་གུར་པ་ཁག་ཅིག་ནར་འགྱངས་མེད་པར་རང་ཡུལ་ལ་འཕྲལ་དུ་ཕྱིར་ལོག་བྱ་དགོས། ཁྱོད་ཚོ་རང་ཡུལ་ལ་ཕྱིར་ལོག་མ་བྱས་ན་ཤུལ་ལུས་བཟའ་མི་ཚོར་ཉེན་ཀ་འབྱུང་སྲིད་ཅེས་འཇིགས་སྐུལ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG