ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཀོ་རི་ཡས་ཡང་རླུང་གི་འབར་མདེལ་ཚོད་ལྟ་བྱེད་རྒྱུའི་རྡིག་བསྐུལ།


བྱང་ཀོ་རི་ཡས་རྡུལ་ཕྲན་གྱི་མཚོན་ཆ་ཞིག་ས་ཐོག་ཏུ་ཚོད་ལྟ་བྱེད་རྒྱུའི་རྡིག་བསྐུལ་བྱས་ཡོད་པ་དེ་ བཤད་པ་གཞིར་བཟུང་བྱེད་སྲིད་པར་ངོས་འཛིན་བྱེད་དགོས་པ་ལས་སྣང་མེད་དུ་གཏོང་རྒྱུ་མེད་ཅེས་ ཡུལ་དེའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ནན་བརྗོད་བྱས་ཡོད་ཅིང་ དེ་ཡང་ ཨ་མི་རི་ཀའི་CNN བརྙན་འཕྲིན་ཁང་གི་གསར་འགོད་པས་ བྱང་ཀོ་རི་ཡེའི་མཐོ་རིམ་གཞུང་འབྲེལ་མི་སྣ་ལ་ ཡུལ་དེའི་རྒྱལ་ས་ཕི་ཡོང་ཡང་གི་ནང་གནས་འདྲི་བྱས་ཡོད་པ་དེ་སྐབས་ཁོང་གིས་ ཟླ་བ་སྔོན་མ་བྱང་ཀོ་རི་ཡེའི་ཕྱི་སྲིད་བློན་ཆེན་གྱིས་དེ་འདྲའི་རྡིག་བསྐུལ་བྱས་ཡོད་པ་དེ་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྣང་མེད་དུ་གཏོང་རྒྱུ་མེད་ལུགས་བརྗོད་པ་དང་སྦྲགས་ ང་ཚོ་ནི་ ཁ་བཤད་ལག་བསྟར་བྱེད་མཁན་ཞིག་ཡིན་པས་ ང་ཚོས་ག་དུས་ཡིན་རུང་ཁ་ནས་བཤད་པ་དེ་ལག་ལེན་ཐོག་འཁྱོལ་བ་བྱེད་ཀྱི་ཡོད་ཅེས་ ཁོང་ཁྲོའི་རྣམ་འགྱུར་དང་བཅས་འགྲེལ་བརྗོད་བྱས་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG