ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་ལ་རྗེས་འཛིན་པ་བསྐོ་བཞག་བྱས་མེད་པ།


རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་ཡོངས་སུ་མཇུག་བསྒྲིལ་པ་དང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་གཉིས་སླར་ཡང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མིར་འདེམས་བསྐོ་བྱས་ཏེ། ཁོ་ཚོའི་མཉམ་དུ་དབུས་ཆབ་སྲིད་ལྷན་ཁང་ལ་རྒྱུན་ལས་འཐུས་མི་གསར་པ་ལྔ་འདེམས་བསྐོ་བྱས་ཡོད་ཅིང་། ཁོ་ཚོ་ནི་ལི་ཀྲན་ཧྲུ་དང་ཝང་དབྱང་། ཝང་ཧུ་ནིང་དང་ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་གསར་པ་ལྔ་ལོ་ན་༦༠་ཡན་ཆད་ལ་སོན་པ་ཤ་སྟག་ཡིན་པས། ཁོ་ཚོའི་གྲས་སུ་ཞིས་ཅིན་ཕིང་གི་རྗེས་འཛིན་པར་འགྱུར་ཆོག་པའི་ཆ་རྐྱེན་ཚང་བ་གཅིག་ཀྱང་མེད་པ་དང་། དེར་བརྟེན་འདས་པའི་ལོ་༢༥་རིང་ལ་རྒྱ་ནག་གི་ཏང་སྲིད་དམག་གི་ཆེས་མཐོ་འགོ་ཁྲིད་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་འགྲོ་དགོས་པའི་ལམ་སྲོལ་ཞིག་གཏད་ཡོད་པ་ཞིས་ཅིན་ཕིང་གིས་མེད་པར་བཏང་སྟེ། ཕྱི་ལོ་༢༠༢༢་ཕན་ཆད་དུའང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་འཛིན་རྒྱུའི་རྣམ་པ་གསལ་སྟོན་བོར་ཐོན་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་ཞིས་ཅིན་ཕིང་གི་དགོངས་པ་ཏང་གི་སྒྲིག་གཞིའི་ནང་དུ་དངོས་སུ་བཀོད་དེ། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དང་པོ་མའེ་ཙེ་ཏུང་གི་རྗེས་སུ་ཞིས་ཅིན་ཕིང་རྒྱ་ནག་གི་དབང་ཐང་ཆེ་བའི་འགོ་ཁྲིད་ཨང་གཉིས་པར་གྱུར་ཡོད་པ་དང་། ཐ་ན་ཏིང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་ཀྱང་དོ་བདག་འདས་གྲོངས་སུ་གྱུར་པའི་རྗེས་སུ་མ་གཏོགས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ཁོངས་སུ་འགོད་ཐུབ་མེད། ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་དང་ཧུ་ཅིན་ཐའོ་ཡི་ཚན་རིག་གི་འཕེལ་རྒྱས་ལྟ་བ་གཉིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ནང་དུ་བཀོད་རུང་། ཅང་ཙེ་མིན་དང་ཧུ་ཅིན་ཐའོ་ཞེས་ཁོ་ཚོའི་མིང་དངོས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞིའི་ནང་དུ་འཁོད་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG