ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་གཞུང་གིས་བོད་པ་བཙན་བྱོལ་བ་ཚོར་ཐོན་བསྐྱོད་ཆོག་མཆན་ཞུ་རྒྱུ་ལྷུག་ཏུ་གཏོང་འཆར་ཡོད་པ།


རྒྱ་གར་གཞུང་གིས་རྒྱ་གར་ནང་ཡོད་པའི་བོད་པ་བཙན་བྱོལ་བ་ཚོ་ཕྱིའི་རྒྱལ་ཁབ་ལ་བསྐྱོད་རྒྱུའི་ལག་ཁྱེར་ཞུ་ཕྱོགས་སོགས་གནད་དོན་དྲུག་ལ་ད་ཡོད་ལས་སྟབས་བདེ་རུ་གཏོང་རྒྱུར་དགོངས་བཞེས་གནང་གི་ཡོད་པ་དང་། དིལླི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པའི་ནང་ ཐོན་བསྐྱོད་ཆོག་མཆན་ཞུ་རྒྱུ་སོགས་ལ་ཐག་གཅོད་གཅིག་རིང་མིན་གཞུང་འབྲེལ་གསལ་བསྒྲགས་གནང་རྒྱུའི་རེ་བ་གནང་གི་ཡོད་ཅེས་གསུངས་འདུག

XS
SM
MD
LG