ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐུ་ཞབས་བྷེ་ནེ་ཌིག་ཌེ་རོ་ཇར་སེ་ཞེས་པ་ནི་དབྱིན་ཇིའི་རྙིང་ཞེན་སྲིད་དོན་ཚོགས་པའི་འགྲོ་བ་མིའི་ཐོབ་ལས་དོན་ཚོགས་ཆུང་གི་དབུ་འཛིན་གཞོན་པ་དང་། ཁོང་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་གི་ངོས་ནས་དབྱིན་ཇི་དང་ཨ་རིའི་གསར་ཤོག་ཆེ་ཁག་ལ་གསར་འགྱུར་འབྲི་འགོད། ཨ་རིའི་ཕོ་བྲང་དཀར་པོ་དང་གྲོས་ཚོགས། སྐད་གྲགས་ཅན་གྱི་སློབ་ཆེན་ཁག་དང་ཡུ་རོབ་གྲོས་ཚོགས་བཅས་སུ་གཏམ་བཤད་གནང་མཁན་ཞིག་ཀྱང་ཡིན་ཞིང་། ༡༩༩༧ ལོར་ཧོང་ཀོང་གི་བདག་དབང་རྒྱ་ནག་གིས་རྩིས་ལེན་བྱས་པའི་གཞུག་ཙམ་ནས་ཁོང་གིས་ལོ་ལྔའི་རིང་ལ་ཧོང་ཀོང་དུ་གསར་འགོད་པའི་ཕྱག་ལས་གནང་སྟེ། ཉེ་དུས་ཧོང་ཀོང་གི་དམངས་གཙོའི་ལམ་སྲོལ་ལ་རྒྱ་ནག་གཞུང་གིས་ཚོད་འཛིན་བྱེད་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། གཟའ་འཁོར་འདིར་སྐུ་ཞབས་རོ་ཇིར་སི་ཧོང་ཀོང་ལ་ཕེབས་རྒྱུར་བཀག་འགོག་གིས་གནམ་ཐང་ནས་ཕྱོར་སློག་ཡོད་པ་དང་། ཁོང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས་པ་མེད་པར་གྱུར་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་གིས་དབང་སྒྱུར་བྱེད་ཀྱི་ཡོད་པའི་མཚོན་རྟགས་རེད་ཅེས་གསུངས་འདུག

XS
SM
MD
LG