ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཝང་ཆི་ཧྲན་འཕོ་འགྱུར་གཏོང་རྒྱུ་ཡིན་ནམ།


ཟླ་བ་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་འཚོགས་ཀྱི་ཡོད་པ་དང་། ད་ལོའི་ཏང་གི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཕལ་ཆེ་བ་འཕོ་འགྱུར་གཏོང་བའི་དུས་ཚོད་ཡིན་རུང་། རྒྱ་ནག་གི་ལྐོག་ཟ་རུལ་སུངས་འགོག་རྒོལ་གྱི་འགོ་ཁྲིད་ཝང་ཆི་ཧྲན་འཕོ་འགྱུར་གཏོང་རྒྱུ་ཡིན་མིན་ལ་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་དང་། ཝང་ཆི་ཧྲན་གྱིས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་བྱས་ནས་རྒྱ་ནག་གི་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་བརྒྱ་ཕྲག་བརྒལ་བ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཏེ། མི་ཚོས་ཞིས་ཅིན་ཕིང་གི་གཤམ་འོག་ཏུ་ཝང་ཆི་ཧྲན་རྒྱ་ནག་གི་འགོ་ཁྲིད་དབང་ཐང་ཅན་ཨང་གཉིས་པར་བརྩི་སྲོལ་ཡོད་ཅིང་། འདས་པའི་ལོ་ལྔའི་རིང་ལ་ཝང་ཆི་ཧྲན་སྤྱི་ཚིགས་ཀྱི་མིག་ལམ་ལ་དེ་ཙམ་ཐོན་མེད་པ་དང་། ད་ལྟ་རྒྱ་ནག་གི་སྲིད་དོན་ཉམས་ཞིབ་པ་དང་གསར་འགོད་པ། རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་ཝང་ཆི་ཧྲན་བགྲེས་ཡོལ་ལ་འགྲོ་རྒྱུ་ཡིན་མིན། གལ་སྲིད་ཁོ་པ་སླར་ཡང་ཞིས་ཅིན་ཕིང་གི་ལས་དུས་གཉིས་པའི་སྐབས་སུ་སྲིད་གཞུང་གི་ལས་འགན་ཁུར་ཚེ། ཝང་ཆི་ཧྲན་གྱི་གོ་གནས་ཅི་ཞིག་འཛིན་རྒྱུ་ཡིན་མིན་ལ་ཚོད་དཔག་འདྲ་མིན་ཞིག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG