ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

སྡེ་དགེ་ཁྲོ་ལའི་ཕུག་ལམ་སྒོ་འབྱེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་མཚོའི་ངོས་ནས་མཐོ་ཚད་མཱི་ཊར་༦༡༦༨་ཡོད་པའི་སྡེ་དགེ་ཁྲོ་ལ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་སྟེ། ཁྲིན་ཏུའུ་གྲོང་ཁྱེར་བར་གྱི་གཞུང་ལམ་ཨང་༣༡༧་པ་ཟེར་པ་དེའི་སྟེང་གི་ཆེས་མཐོ་བ་དང་སྐྱོད་ཁག་པའི་རི་ལམ་ཞིག་ཡིན། རྒྱ་མི་ཚོས་རི་ལམ་དེ་ལ་གཤིན་རྗེའི་འཕྲང་ལམ་ཞེས་འབོད་སྲོལ་ཡོད་ཅིང་། རྒྱ་ནག་གིས་གཞུང་འབྲེལ་ཐོག་ཏུ་སྡེ་དགེའི་ཁྲོ་ལའི་ཕུག་ལམ་སྒོ་འབྱེད་བྱས་ཏེ། རིང་ཚད་སྤྱི་ལེ་༧་ལྷག་ཡོད་པའི་ཕུག་ལམ་དེས་འགྲིམ་འགྲུལ་སྟབས་བདེ་རུ་བཏང་ཡོད་པ་བརྗོད་དགོས་པ་ཞིག་མིན་མོད། འོན་ཀྱང་ས་གནས་ཀྱི་བོད་པ་ཡུལ་མི་རྣམས་ལ་མཚོན་ན་འཛུགས་སྐྲུན་དེར་ལྟ་ཚུལ་གཞན་ཞིག་ཡོད་པ་སྟེ། རི་བོ་དེ་བོད་པ་ཚོས་གནས་རི་རྩ་ཆེན་ཞིག་ལ་རྩི་བའི་རྫ་རི་ཞིག་ཡིན་པ་དང་། དེ་བཞིན་རྒྱ་ནག་གིས་འཛུགས་སྐྲུན་བརྒྱུད་ནས་བོད་སའི་གཏེར་ཁ་རྣམས་སྔོག་སྲིད་པའི་དོགས་པའང་བྱེད་ཀྱི་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG