ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་རྒྱལ་མཚམས་མེད་པའི་བདེ་སྐྱིད་ཅེས་པའི་བརྗོད་གཞིར་བཀའ་སློབ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་ནི་འགྲོ་བ་མིར་སྐྱེས་མ་ཐག་ནས་རང་ཆས་སུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་པ་དང་། དེ་ཡང་ཕ་མ་གཉིས་ལས་མས་བྱམས་བརྩེས་སྐྱོང་སྟངས་ནས་ཡོང་གི་ཡོད་ཅེས་གསུངས་འདུག དེ་ཡང་རེས་གཟའ་ཟླ་བའི་ཉིན་ལཏ་ཝི་ཡའི་རྒྱལ་ས་རི་གྷའི་ནང་རྒྱལ་མཚམས་མེད་པའི་བདེ་སྐྱིད་ཅེས་པའི་བརྗོད་གཞིར་བཀའ་སློབ་གསུང་བཤད་གནང་བའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིར་མི་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་ཐེར་འབུམ་གཅིག་ཆོས་ལ་དད་པ་མེད་མཁན་ཡིན་པ་དང་། ཐེར་འབུམ་དྲུག་ཆོས་ལ་དད་པ་བྱེད་མཁན་ཡིན་ནའང་། རིས་སུ་མ་ཕྱེད་པའི་ཆོས་ལུགས་ཚོས་གཞན་ཕན་དང་བྱམས་བརྩེ། བཟོད་སྒོམ་བྱེད་དགོས་པ་སོགས་ཀྱི་བསླབ་བྱ་གནང་ཡོད་པ་དེ་དག་ལ་ཉམས་ལེན་བྱེད་མཁན་ད་དུང་ཉུང་ཉུང་རེད་ཅེས་གསུངས་འདུག

XS
SM
MD
LG