ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༸གོང་ས་མཆོག་གིས་བོལ་ཀྲེག་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་འཇལ་འཕྲད།


དེང་སྐབས་ལཱ་ཌི་ཝེ་ཡའི་རྒྱལ་ས་རི་ཀ་ནང་བཀའ་ཆོས་དང་རྒྱ་ཆེའི་མི་མང་ལ་བཀའ་སློབ་སོགས་ཀྱི་འཛད་འཕྲིན་ཁག་བསྐྱངས་དང་སྐྱོང་གནང་བཞིན་ཡོད་པ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་རིང་གི་རྒྱལ་ས་རི་ཀའི་ནང་གི་གསུང་ཆོས་འཇུག་འགྲིལ་མི་གནང་སྔོན་ཞོགས་པ་བོལ་ཀྲེག་ས་ཁུལ་ནང་གི་རྒྱལ་ཁབ་ཁག་གསུམ་གྱི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་བའི་འཐུས་མི་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཡོད་ལས་སྣེ་ཁག་དང་འཇལ་འཕྲད་གནང་ཡོད་པའི་སྐོར་དབྱིན་ཡུལ་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་དང་༸གོང་ས་མཆོག་གི་ཆིབས་ཞབས་སུ་ཡོད་པ་སྐུ་ཞབས་བསྟན་འཛིན་ཀུན་དགའ་ལགས་སུ་རྒྱལ་མཚན་ཚེ་རིང་ལགས་ཀྱིས་༸གོང་ས་མཆོག་གི་རེས་བཟའ་ཉི་མའི་མཛད་རིམ་ཁག་གི་སྐོར་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་གྱི་རེད།

XS
SM
MD
LG