ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལན་ཌོན་དུ་འབར་རྫས་འགས་ཐོར།


རེས་གཟའ་པ་སངས་ཀྱི་སྔ་དྲོར་དབྱིན་ཇིའི་རྒྱལ་ས་ལན་ཌོན་གྱི་ས་འོག་མེ་འཁོར་ནང་དུ་རང་བཟོས་འབར་རྫས་འགས་ཐོར་བྱུང་སྟེ་མི་༢༢་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་ཅིང་། དབྱིན་ཇིའི་བདེ་འཇགས་ཉེན་རྟོག་པས་བརྗོད་དོན་ལྟ་ན་འབར་རྫས་འགས་ཐོར་བྱུང་བ་དེ་ནི་འཇིགས་སྐུལ་དྲག་སྤྱོད་པས་བྱུས་གཤོམ་བྱས་པ་ཞིག་ཡིན་པ་མ་ཟད། ད་ཐེངས་ཀྱི་གཏོར་རྒོལ་འདི་ལོ་གཅིག་ནང་དུ་དབྱིན་ཡུལ་ལ་འཇིགས་སྐུལ་བས་གཏོར་རྒོལ་བྱས་པ་ཐེངས་ལྔ་པ་དེ་ཡིན་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG