ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་གར་ལ་གནོད་གཞི་རིགས་གཏན་ནས་བྱེད་མི་འཇུག་རྒྱུའི་ཁས་ལེན་བྱས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བལ་ཡུལ་གྱི་སྲིད་བློན་ཤེར་བྷཧ་དྷུར་དྷུ་བྷེས་ བལ་ཡུལ་ནང་མཛའ་མཐུན་ཅན་གྱི་ཁྱིམ་མཚེས་རྒྱ་གར་ལ་གནོད་གཞིར་འགྲོ་བའི་ལས་དོན་རིགས་གཏན་ནས་བྱེད་འཇུག་རྒྱུ་མིན་པའི་འགན་ལེན་གནང་འདུག་པ་དང་། དེ་ཡང་བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་གར་ནང་ཉིན་བཞིའི་རིང་རྒྱ་གར་ལ་གཞུང་འབྲེལ་འཚམས་གཟིགས་གྲུབ་ཁར་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷིའི་ལྷན་དུ་གསར་འགོད་པར་གཏམ་བཤད་གནང་བའི་ནང་ རྒྱ་གར་དང་བལ་ཡུལ་གཉིས་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་གཏིང་གཟབ་ཡོད་པའི་རྒྱལ་ཁབ་གཉིས་ཡིན་པ་དང་། འབྲེལ་བ་དེས་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཆེན་བྱུང་ཡོད་པ་མ་ཟད། མངའ་ཁུལ་གྱི་དཔལ་འབྱོར་དང་ཕྱི་འབྲེལ་བཟང་པོ་ཡོང་རྒྱུར་ཤུགས་རྐྱེན་ཆེན་པོ་བྱེད་ཐུབ་ཀྱི་ཡོད་ཅེས་གསུངས་ནས་བལ་ཡུལ་གྱིས་རྒྱ་གར་ལ་གནོད་གཞིའི་རིགས་གཏན་ནས་བྱེད་འཇུག་རྒྱུ་མིན་པའི་ཁས་ལེན་གནང་འདུག

XS
SM
MD
LG