ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས་ཀྱི་སྔ་དྲོར་སེ་པེན་གྱི་བྷར་སི་ལོ་ན་གྲོང་ཁྱེར་གྱི་ལཱ་སི་རམ་བྷ་ལཱ་སི་ས་ཁུལ་དེ་ཉིད་འཇམ་ཐིང་ངེར་ཡིན་རུང་། སེ་པེན་གྱི་དྲག་ཆས་ཉེན་རྟོག་པ་ཚོས་སྲང་ལམ་ཁག་ཏུ་སྐོར་གཡེང་བྱེད་པ་དང་། ཁ་སང་གི་གཏོར་རྒོལ་སྐབས་སུ་ཉེན་གཡོལ་ལ་སོང་བའི་སྲོང་ལམ་ཁག་གི་ཚོང་པ་རྣམས་ཕྱིར་ལོག་བྱས་ནས་རང་གི་མེ་ཏོག་གི་ཚོང་ཁང་ངམ། ཡང་ན་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བཙོང་རྒྱུའི་དངོས་ཟོག་གི་ཚོང་ཁང་རྣམས་སྒོ་རྒྱག་གི་ཡོད་ཅིང་། ཕྱི་ཟླ་༨་ཚེས་༡༧་ཉིན་འཇིགས་སྐུལ་རིང་ལུགས་པ་ཁག་ཅིག་གིས་མི་ཚོགས་ཆེ་བའི་སྲང་ལམ་ནང་དུ་རླངས་འཁོར་བཏང་སྟེ། ཁོ་ཚོས་མི་ལ་རྡུང་ག་བརྒྱབ་ནས་མི་༡༣་བསད་པ་དང་མི་བརྒྱ་སྐོར་ཞིག་ལ་རྨས་སྐྱོན་ཕོག་པ་དང་། ཕྱིས་སུ་པེ་ཕེན་གྱི་ཉེན་རྟོག་པས་རླངས་འཁོར་ནང་གི་མི་༥་ལ་མེ་མདའ་བརྒྱབ་ནས་བསད་ཡོད་པ་རེད།།

XS
SM
MD
LG