ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་༨པའི་ཚེས་༡༥ཉིན་མོ་ ཨ་མི་རི་ཀའི་ཕྱི་སྲིད་ཁང་གིས་ལོ་རེའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཞིབ་འཇུག་སྙན་ཐོ་འདོན་པའི་ནང་རྒྱ་ནག་གཞུང་ནས་མུ་མཐུད་དེ་བོད་མི་དང་ཡུ་ཁུར་བ། རྩ་རླུང་སྒོམ་གྲུབ་པ་སོགས་ཀྱི་ཆོས་དད་རང་དབང་ལ་དམ་དྲག་བྱས་ཡོད་པ་དང་རྒྱ་ནག་དེ་བཞིན་འཛམ་གླིང་ནང་ནས་ཡུལ་མིའི་ཆོས་དད་རང་དབང་ལ་རྩིས་མེད་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་གྲས་སུ་བསྐྱར་དུ་བཅུག་ཡོད་པས་ཕྱི་ཚེས་༡༦ཉིན་མོ་རྒྱ་ནག་གཞུང་ནས་ཨ་མི་རི་ཀ་རང་ཉིད་ཀྱང་ཡང་དག་པ་ཞིག་མིན་པ་དང་སོ་སོའི་བྱེད་ཕྱོགས་མི་ཤེས་པར་གཞན་ལ་བག་མེད་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅེས་ཁོང་ཁྲོའི་ལན་འདེབས་བྱས་ཡོད་པ་རེད།

XS
SM
MD
LG