ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་དེབ་ཞལ་ཕྱེ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་དཀའ་རྙོག་མང་པོ་ཞིག་ཡོང་གི་ཡོད་པ་དེ་ནི་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་ལ་དོ་སྣང་མ་བྱས་པར་ཆོས་ལུགས་དང་སྤྱི་ཚོགས་ཀྱི་གནས་སྟངས་མི་རིགས་མི་འདྲ་བ་སོགས་མི་འདྲ་བའི་འདུ་ཤེས་ལ་བསམ་བློ་མ་བཏང་དྲག་ནས་དཀའ་ངལ་དེ་དག་བཟོ་ཡི་ཡོད་ཅེས་གསུངས་འདུག་པ་དང་། དེ་ཡང་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་ཀྲ་ཀྲ་འཕྲུལ་རིག་ལག་རྩལ་མཐོ་རིམ་སློབ་གཉེར་ཁང་གིས་ཕྱོགས་བསྒྲིགས་གནང་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་རིམ་སློབ་གཉེར་ཁང་དེས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དངོས་སུ་ཕྱོགས་བསྒྲིགས་གནང་ནས་ད་རིང་སློབ་དེབ་ཞལ་ཕྱེ་གནང་ཐུབ་པར་མཐོ་རིམ་སློབ་གྲར་བསྔགས་བརྗོད་དང་འཚམས་འདྲི་གནང་གི་ཡོད་ཅེས་གསུངས་འདུག

XS
SM
MD
LG