ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱིས་པའི་དེབ་ཕྲེང་དབུ་འབྱེད།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་གིས་རྩོམ་སྒྲིག་དང་འགྲེམ་སྤེལ་ཞུས་པའི་སོན་རྩ་བྱིས་པའི་དེབ་ཕྲེང་༤༠་ཐམ་པ་དབུ་འབྱེད་གནང་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༧་ཉིན་བཞུགས་སྒར་དྷ་རམ་ས་ལར་སོན་རྩ་བྱིས་པའི་དེབ་ཕྲེང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་པ་དེའི་ཐོག་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གཙོས་སློབ་གྲྭ་ཁག་གི་འབྲེལ་ཡོད་དབུ་ལས་ཁག་དང་བྱིས་སྒྲུང་རྩོམ་སྒྲིག་པ། དེ་བཞིན་གསར་འགོད་པ་བཅས་ལྷན་འཛོམས་གནང་སྟེ། ཤེས་རིག་ལྷན་ཁང་གི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་སོན་རྩ་བྱིས་པའི་དེབ་ཕྲེང་༤༠་ཐམ་པ་ངོ་སྤྲོད་དང་། འདས་པའི་ལོ་བཞི་ལྷག་ལ་འབད་བརྩོན་བརྒྱུད་ནས་ལེགས་གྲུབ་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG