ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་དུས་དེབ་ཅིག་ཏུ་རྒྱ་ནག་གི་ས་ཁྲའི་ནང་དུ་བོད་དང་ཐེ་ཝན་བཅུག་མེད་པ།


རྒྱ་དཀར་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་ཡོང་བཞིན་པའི་སྐབས་འདིར་རྒྱ་གར་གྱི་ཀློག་པ་པོ་མང་བའི་དེང་སང་གི་རྒྱ་གར་ཞེས་པའི་དུས་དེབ་ཀྱི་མདུན་ཤོག་ལ་རྒྱ་ནག་དང་པ་ཀི་སི་ཐན་གྱི་ས་ཁྲ་བྱ་དེའི་གཟུགས་ཅན་གཉིས་བཀོད་རུང་། རྒྱ་ནག་གི་ས་ཁྲའི་ནང་དུ་བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཁོངས་སུ་བཅུག་མེད་པས་སླར་ཡང་རྒྱ་ནག་ལ་བློ་བདེ་མེད་པ་ཞིག་བ་ཟོས་ཡོད་ཅིང་། དུས་དེབ་དེའི་མདུན་ཤོག་ལ་རྒྱ་ནག་དང་པ་ཀི་སི་ཐན་གྱི་ས་ཁྲ་ཆེ་ཆུང་གཉིས་བཀོད་དེ་རྒྱ་ནག་གི་བྱིའི་ཕྲུག་ཅེས་མགོ་བརྗོད་དུ་བྲིས་ཡོད་པ་དེ་ནི་གཙོ་བོ་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་འབྲེལ་ལམ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐོར་གྱི་དཔྱད་རྩོམ་ཞིག་ཡིན་མོད། འོན་ཀྱང་མདུན་ཤོག་གི་ས་ཁྲའི་རི་མོར་ཕྱོགས་མང་པོས་དོ་སྣང་ཆེན་པོ་བྱུང་ཡོད། རྒྱ་ནག་གི་དྲ་རྒྱའི་ཐོག་ཏུ་བསམ་ཚུལ་བརྗོད་མཁན་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་རུང་། ཐེ་ཝན་ལ་རྒྱ་ནག་གི་ས་ཁྲའི་ནང་དུ་ཐེ་ཝན་མེད་པ་དངོས་ཡོད་ཡིན། རྒྱ་གར་གྱིས་ས་ཁྲ་དེ་འདྲ་ཞིག་བཀོད་པ་ནི་ཡང་དག་པ་ཞིག་རེད་ཅེས་བསམ་ཚུལ་བརྗོད་མཁན་ཡང་བྱུང་ཡོད་པ་རེད།།

XS
SM
MD
LG