ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྙན་ངག་པ་ཚེ་རིང་དབང་མོ།


ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཟླ་བ་འདིའི་ཕྱི་ཚེས་༢༦་སྟེ། རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བུད་མེད་སྙན་ངག་པ་དང་རྩོམ་པ་གྲགས་ཅན་འདོམ་པ་ཚེ་རིང་དབང་མོ་གདན་འདྲེན་ཞུས་ཏེ། ཁོང་གིས་དབྱིན་ཡིག་ཏུ་བརྩམས་པའི་ངའི་ཕ་ཡུལ་བོད་ལ་སླེབས་པ་ཞེས་པའི་བརྩམས་ཆོས་དེ་ཉིད་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་པ་ཚོར་མཚམས་སྦྱོར་དང་། རྩོམ་པ་པོས་ལེ་ཚན་འགའ་རེ་ལྗགས་ཀློག་གནང་ཡོད་ཅིང་། རྩོམ་པ་པོ་ཚེ་རིང་དབང་མོའི་སྙན་ངག་ལྗགས་ཀློག་ལ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་པ་ན་གཞོན་ཁག་ཅིག་དང་ཨ་རི་བ་བཅས་མི་སྣ་ཚོགས་ཤིག་འདུས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG