ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་གྱི་ཧཱན་སི་རཱ་ཇི་མཐོ་སློབ་ཀྱིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཆེ་སྟོད་ཞུས་པ།



རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཧཱན་སི་རཱ་ཇི་མཐོ་སློབ་ཁང་གིས་ སློབ་གཉེར་ཁང་དེ་དབུ་བརྙེས་ཏེ་ལོ་ངོ་༧༠འཁོར་བའི་དགའ་སྟོན་གྱི་མཛད་སྒོར་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གདན་ཞུ་གནང་སྟེ་ ཆེ་སྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་ཅིང་ དེ་ཡང་ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནི་ གོང་ཞུས་མཐོ་སློབ་ཁང་དེའི་སློབ་གཉེར་བ་ཟུར་པ་ཡིན་ཞིང་ ཕྱི་ཟླ་༧པའི་ཚེས་༢༦ཉིན་ མཐོ་སློབ་ཁང་དེ་དབུ་བརྙེས་པའི་དུས་སྟོན་གྱི་མཛད་སྒོར་སྲིད་སྐྱོང་མཆོག་མགྲོན་གྱི་གཙོ་བོའི་ཁོངས་སུ་གདན་ཞུ་གནང་སྟེ་ཆེ་སྟོད་ཆེན་པོ་ཞུས་ཡོད་པ་དང་ མཛད་སྒོ་དེར་སྲིད་སྐྱོང་མཆོག་གིས་དབུས་པས་དེ་མིན་སློབ་གཉེར་བ་ཟུར་པ་ ཤེས་ཡོན་དང་ དཔལ་འབྱོར་ ཆབ་སྲིད་བཅས་ཀྱི་ཐད་སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་མཁན་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་ལ་སོགས་པ་ཡང་གདན་ཞུ་གནང་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ ཚེ་རིང་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG