ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་སྲིད་དོན་པ་ཚོས་སྲིད་འཛིན་རྗེས་མའི་ཆེད་དུ་འོས་བསྡུ་གནང་ཡོད་པ།


རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚོས་ཁ་ས་གཟའ་ཟླ་བའི་ཉིན་ཡུལ་དེའི་སྲིད་འཛིན་གསར་པ་འདེམས་རྒྱུའི་འོས་ཤོག་འཕངས་འདུག སྲིད་འཛིན་གྱི་འོས་མིའི་ཁོངས་སུ་ཡུལ་དེའི་རིགས་རུས་དམན་པའི་མི་སྣ་གཉིས་ཡོད་པ་དང་། ད་རེས་ཉེ་དུས་བར་དུ་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་བི་ཧཱར་མངའ་སྡེའི་སྲིད་སྐྱོང་དང་། གཞུང་འཛིན་རྒྱ་གར་གྱི་མི་མང་ཚོགས་པ་བྷི་ཇེ་པིའི་འོས་མི་སྐུ་ཞབས་ཁོར་ཝིང་མང་མོས་འདེམས་ཐོན་ཡོང་བའི་རེ་གཞི་ཡོད་པ་དང་། སྐུ་ཞབས་ཁོར་ཝིང་ལ་གཞུང་འཛིན་ཚོགས་པའི་འཐུས་མི་ཙམ་མ་ཟད་ས་གནས་ཀྱི་ཚོགས་པ་ཁག་ཅིག་གིས་ཀྱང་རྒྱབ་སྐྱོར་ཞུ་གི་ཡོད་སྐོར་ཕུན་ཚོགས་ཚེ་རིང་གིས་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་གྱི་རེད།

XS
SM
MD
LG