ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གཟའ་འཁོར་འདིར་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་མཚོ་མཁའི་གྲོང་ཁྱེར་ཧམ་བྷག་ཏུ་འབྱོར་སྐབས་ངོ་རྒོལ་བྱེད་མཁན་དང་ཉེན་རྟོག་པ་ཚོ་འཁྲུག་འཛིང་བྱུང་འདུག་ཅིང་། ཌོ་ནོལ་ཁྲ་རམ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌི་ལ་འཚམས་འདྲིར་ཕེབས་པ་ལེགས་གྲུབ་བྱུང་བའི་རྗེས་སུ་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་དང་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཉི་ཤུའི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུར་ཕེབས་ཏེ། སྲིད་འཛིན་ཌོ་ནོལ་ཁྲ་རམ་ལ་ཚོགས་ཆེན་ཐོག་ཏུ་གདོང་ལེན་བྱ་དགོས་པའི་གནད་དོན་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད།།

XS
SM
MD
LG