ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གཞུང་གིས་ཡུལ་དེར་བོད་མི་ཚང་མ་མཉམ་འཛོམ་ཐོག་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུ་རྒྱུ་བཀག་འགོག་བྱས་ཡོད་པ་དང་། མཆོད་རྟེན་བྱ་རུང་ཁ་ཤོར་ཁུལ་དུ་ཉེས་རྟོགས་པས་སྐོར་སྲུང་བྱེད་བཞིན་ཡོད་ན་ཡང་དྷོ་ལ་གྷན་གཞིས་ཆགས་ནང་ཁུལ་དུ་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་ཡོད་ལ། བོད་མི་སྒེར་དང་སྐྱིད་སྡུག་ཚོགས་པ་ཁག་གིས་སྒེར་གྱི་སྲུང་བརྩི་ཞུས་པའི་གནས་ཚུལ་བྱུང་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG